首页
དངོས་པོ་ལས་ནད་དུག་འགོ་བའི་ཉེན་ཁ་འགོག་པར་ལག་པའི་གཙང་སྦྲ་གལ་ཆེ།
2022-04-21 03:07:49
来源:
石渠县人民政府
阅读数:
473次
字号:
收藏
打印
分享:
分享到朋友圈
打开微信,点击底部的“发现”,使用“扫一扫”即可将网页分享至朋友圈。
温馨提示:
请完成个人中心登录后进行相关操作

དངོས་པོ་ལས་མི་ལ་ནད་དུག་འགོ་བའི་ཉེན་ཁ་འགོག་དགོས་ན།

ལག་པར་གཙང་སྦྲ་བཟང་བོ་བྱ་རྒྱུ་ནི་གནད་འགག་ཡིན།

“物传人”的概率有多大?

关键是做好手卫生!

ཨོ་སྨིས་ཁི་རོང་རྒྱུད་འགྱུར་དུག་རྐང་དངོས་པོ་ལས་མྨི་ལ་འགོ་བའི་ཉེན་ཁ་ཆེའམ། དངོས་པོ་ལས་མྨི་ལ་འགོ་བའི་ཉེན་ཁ་འགོག་དགོས་ན་ཇི་ལྟར་བྱ་དགོས། ཆེད་མཁས་པས་བཤད་པ་ལྟར་ན། 

༡ དངོས་པོ་ལས་མི་ལ་འགོ་བའི་ཉེན་ཁ་ཆེའམ།

ཨོ་སྨིས་ཁི་རོང་རྒྱུད་འགྱུར་དུག་རྐང་ནི་དབུགས་ལམ་འོག་མ་ནས་འགོས་པ་དང་དབུགས་ལམ་གོང་མ་ནས་འགོས་པ་གཉིས་ཡོད། དབུགས་ལམ་གོང་མ་ནས་འགོས་པ་ལ་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི། གབ་སྦས་ཀྱི་དུས་ཡུན་ཐུང་ཞིང་འགོས་མཆེད་ཀྱི་མྱུར་ཚད་མགྱོགས་པ་མ་ཟད། ཉེ་འཁོར་གྱི་དངོས་པོའི་ཕྱི་ངོས་ལ་སྦག་བསླད་ཐེབས་ཚད་ཆེ་བ་ཡིན། སྨིར་བཏང་དུ། དངོས་པོའི་ཕྱི་ངོས་ཀྱི་སྦག་བསླད་ལས་འགོ་བའི་ཉེན་ཁ་ཅུང་ཆུང་མོད། གལ་ཏེ་ང་ཚོས་ཡང་དང་བསྐྱར་དུ་ཐེངས་མང་པོར་རེག་པ་དང་། ལག་པའི་གཙང་སྦྲ་དང་མི་སྒེར་གྱི་འགོག་སྲུང་ལ་དོ་སྣང་མ་བྱས་ན་འགོ་ཉེན་ཧ་ཅང་ཆེ།

༢ ལག་པའི་གཙང་སྦྲ་རྒྱུན་འཁོངས་བྱ་དགོས། 

རྒྱུན་ལྡན་གྱི་གནས་ཚུལ་འོག དབུགས་ལམ་གྱི་འགོ་ནད་ལ་བརྒྱུད་ལམ་གཙོ་བོ་གཉིས་ཡོད་དེ། དང་པོ་ནི་བར་ཐག་ཉེ་བའི་མཆིལ་ཟེགས་བརྒྱུད་ནས་འགོས་པ་དང་། གཉིས་པ་ནི་ལག་པས་སྦག་བསླད་ཐེབས་པའི་དངོས་པོའི་ཕྱི་ངོས་ལ་རེག་རྗེས་ལག་པར་དུག་སེལ་དང་གཙང་བཀྲུ་མ་བྱས་པའི་གནས་ཚུལ་འོག ཁ་དང་སྣ། མིག་སོགས་ཀྱི་འབྱར་སྐྱི་ལ་རེག་ནས་འགོས་པ་ཡིན། དེ་བས། ལག་པ་ལ་གཙང་སྦྲ་བྱེད་པ་ནི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱེད་པའི་བྱེད་ཐབས་གཙོ་བོ་ཡིན།

༣ གསལ་འདེབས།

སྤྱིར་བཏང་གི་མང་ཚོགས་ལ་མཚོན་ན། དུས་རྒྱུན་འཚོ་བའི་ཁོད་མྱུར་སྐྱེལ་དངོས་པོའི་ཕྱི་ཐུམ་ལ་དུག་སེལ་ལེགས་པོ་བྱས་རྗེས་ཁ་འབྱེད་རྒྱུ་གལ་ཆེ། དེ་མིན་དུས་རྒྱུན་པར་ལག་པའི་གཙང་སྦྲ་རྒྱུན་འཁྱོངས་བྱས་ན། སྦག་བསླད་ཐེབས་པའི་དངོས་པོའི་ཕྱི་ངོས་ལས་པྲོག་གསར་གློ་ཚད་འགོ་པའི་ཉེན་ཁ་ཇེ་ཆུང་དུ་གཏང་ཐུབ།

རིམས་ནད་འགོག་སྡོམ་ལ་ང་ཚོ་མི་རེ་རེས་ནུས་ཤུགས་འདོན་དགོས།

ཡོང་ཁུངས། ཨ་མདོ་བརྙན་འཕྲིན་ཁང་།